昭明嘉黎人文丨一个普通牧民孩子与法律的缘分 འབྲོག་ཕྲུག་དང་བཅའ་ཁྲིམས་ཀྱི་ལས་དབང་།
时间:2023-12-13

我叫旦巴亚杰,00后,现就职于辽宁昭明(嘉黎)律师事务所,我与法律的缘分要从2018年的夏天说起......

ངའི་མི་ལ་བསྟན་པ་ཡར་རྒྱས་ཟེར། ད་ལྟ་ནི་ལོ་ཉིང་ཀྲོའི་མིང༼ལྷ་རི༽ཁྲིམས་རྩོད་པའི་ལས་དོན་ཁང་གི་ལས་མི་ཞིག་ཡིན། དེ་ཡང་ང་དང་བཅའ་ཁྲིམས་ཀྱི་ལས་དབང་ནི་སྤྱི་ལོ་༢༠༡༨ལོར་དབྱར་ཁ་ཞིག་ནས་འགོ་བརྩམས།


2018年的夏天,阔别青藏高原,我来到广西南宁成为了一名曾经梦寐以求的大学生。记得大学的第一次班级会议是由校长亲自主持,我和我的哥们儿扎西罗布、普琼洁以及央珍穿着传统的藏装隆重地参加了会议。一进班级门,没错!我们成了全场最靓的仔。我还记得校长问我们:“你们了解法律吗,知道法律是干嘛的吗?”当时懵懂的我还有些严重醉氧,只能凭着自己的粗浅理解回答说:“法律是为了维护社会的公平以及惩恶扬善,还有法律是人性道德的最低底线。”回想四年大学生涯,我至今无法忘记那个凌晨2点在宿舍学习、上午7点晨跑五公里然后继续学习14个小时的自己。时间对每一个自卑、自负或自我怀疑的人都是公平的,通过法考、顺利毕业是我为大学生涯交付的一份满意的答卷。

སྤྱི་ལོ་༢༠༡༨ལོའི་དབྱར་ཁར། ང་ནི་གངས་རིའི་མུ་ཁྱུད་འཛིན་པའི་མཚོ་བོད་ས་མཐོ་དེ་དང་བྲལ་ནས་ཀོང་ཤིས་ནན་ཉིང་དུ་ཕྱིན་ནས་སློབ་ཆེན་འཚོ་བར་ལ་རོལ་འགོ་ཚུགས། ངའི་དྲན་གསལ་ལ་སློབ་ཆེན་གྱི་འཛིན་གྲྭའི་ཚོགས་འདུ་ཐེངས་དང་པོ་ནི་སློབ་སྤྱི་སྐུ་ངོ་མས་གཙོ་སྐྱོང་གནང་བ་དང་། ང་དང་ངའི་གྲོགས་པོ་བཀྲ་ཤིས་ནོར་བུ་དང་བུ་ཆུང་རྒྱལ་དེ་བཞིན་དབྱང་སྒྲོལ་བཅས་ང་ཚོ་བོད་ཆས་གྱོན་ནས་ཚོགས་འདུར་ཞུགས་པ་ཡིན། འཛིན་གྲྭའི་ནང་དུ་འཛུལ་མ་ཐག ང་ཚོ་ནི་འཛིན་གྲྭ་ཡོངས་ཀྱི་ཆེས་དམིགས་གསལ་གྱི་མི་དེ་རུ་གྱུར། སློབ་སྤྱིས་ང་ཚོར“ཁྱོད་ཚོས་བཅའ་ཁྲིམས་སོགས་ལ་རྒྱུས་ལོན་ཡོད་དམ། བཅའ་ཁྲིམས་ཀྱིས་ནུས་པ་ནི་ཅི་ཞིག་ཡིན་པ་ཤེས་སམ”ཞེས་དྲིས།  ང་རང་གློ་བུར་དུ་མགོ་འཐོམས་པ་གྱུར། གོ་བ་ཟབ་མོ་བླངས་ནས་ངས་དྲི་བ་དེའི་ལན་འདེབས་འགོ་བརྩམས། “བཅའ་ཁྲིམས་ནི་སྤྱི་ཚོགས་ཁྲོད་ཀྱི་འདྲ་མཉམ་སྲུང་སྐྱོང་དང་། སྡིག་གཅོད་དགེ་སྒྲུབ་ཀྱི་ཆེད་དུ་ཡིན་པ་མ་ཟད། ད་དུང་བཅའ་ཁྲིམས་ནི་མི་གཤིས་ཀུན་སྤྱོད་ཀྱི་ཆེས་དམའ་བའི་གཞི་ཐིག་འཛིན་ས་དེ་ཡང་ཡིན།”ཞེས་ལན་བཏབ།  ལོ་ངོ་བཞི་ཡི་སློབ་ཆེན་གྱི་འཚོ་བ་ཕྱིར་དྲན་བྱས་ཚེ། ང་རང་སློབ་སྦྱོང་གི་འཆར་གཞི་བཀོད་ཚུལ་སྐོར་ལ་ཅུང་ཙམ་བཤད་ན། ཐོ་རེངས་ཆུ་ཚོད་༢ པའི་སྐབས་སུ་ཉལ་ཁང་དུ་སློབ་སྦྱོང་བྱེད་པ་དང་། ཞོགས་པའི་ཆུ་ཚོད་༧པའི་སྟེང་ལངས་ནས་ལུས་སྦྱོང་བྱེད་ནས་སྤྱི་ལེ་༥ཙམ་རྒྱུགས་ཤར་གཏང་བ་སོགས་ཉིན་གཅིག་ལ་ཆུ་ཚོད་༡༥ཙམ་སློབ་སྦྱོང་བྱེད་པ་དེ་ངས་ད་བར་བརྗེད་ཐབས་བྲལ། དུས་ཚོད་ནི་རང་དམན་དང་རང་རློམ་ཆེ་བའི་མི་འམ་ཡང་ན་རང་གིས་རང་ལ་དོགས་པ་བྱེད་མཁན་བཅས་ཀྱི་མི་དག་ལ་འདྲ་མཉམ་ཡིན་ཞིང་། དེར་བརྟེན་ང་རང་གི་སློབ་ཆེན་ལོ་ངོ་བཞིའི་ནང་འབད་བརྩོན་ལྷོད་མེད་འོག་ཁྲིམས་རྒྱུགས་ལོན་ནས་བདེ་བླག་ངང་སློབ་ཐོན་བྱེད་ཐུབ་བྱུང་། དེ་ནི་ངས་སློབ་ཆེན་གྱི་མི་ཚེའི་རྒྱུགས་གཞི་ནང་སྤྲད་པའི་བློ་ནས་བབ་པའི་རྒྱུགས་ལེན་ཡིན།


2022年7月毕业后,和广大的应届毕业生一样,迷茫的我也选择过公务员和事业单位考试,但却未能如愿。2022年11月,机缘巧合之间,我了解到有一家内地的律所在那曲市嘉黎县设立了分所且恰好有招聘计划,我便投了简历并以视频会议的方式进行了面试,从此开始了与昭明的缘分。

སྤྱི་ལོ་༢༠༢༢ལོའི་ཟླ་བ་༧པར་སློབ་གྲྭ་ནས་ཐོན་རྗེས། ང་ནི་རྒྱ་ཆེའི་ལོ་འདིའི་སློབ་ཐོན་སློབ་མ་དག་དང་འདྲ་བར་ངས་ཀྱང་གཞུང་ཞབས་པ་དང་བྱ་གཞག་ཚན་པའི་ཡིག་རྒྱུགས་ནང་ཞུགས་མྱོང་ལ། འོན་ཀྱང་བསམ་འདུན་ལྟར་དེ་ཙམ་གྲུབ་མེད། སྤྱི་ལོ་༢༠༢༢ལོའི་ཟླ་བ་༡༡པར་སྟབས་ལེགས་པ་ཞིག་ལ་རྒྱ་ནག་གི་ཁྲིམས་རྩོད་པའི་ལས་དོན་ཁང་ཞིག་གིས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་ཁྲིམས་རྩོད་པའི་ལས་དོན་ཁང་ཡན་ལག་ཞིག་བཙུགས་ནས་གདན་ཞུའི་འཆར་གཞི་ཡོད་པ་ཤེས་བྱུང་བས། ངས་དེ་མ་ཐག་རང་གི་ངོ་སྤྲོད་མདོར་བསྡུས་ཕུལ་བ་དང་བརྙན་ལམ་ཐོག་ངོ་རྒྱུགས་སྤྲད་ནས་རྒྱུགས་འཕྲོད། དེ་ནས་བཟུང་ང་དང་ཀྲའོ་མིང་དབར་གྱི་ལས་དབང་ཡང་དེ་ནས་འགོ་བརྩམས་པ་རེད།

在面试通过后长达半年的时间里,我跟着冯主任同在一个办公室朝夕相处。她的思想、她的情怀、她的善良,就像那天上的星星闪闪发光,就像那碧绿的纳木错一样宽广无边,更是像那黑帐篷里的火炉给予我家的温暖。是冯主任让我懂得了生活就该有情怀,也该有自己的思想和思考,更该有善良。我喜欢这间有挑战的办公室,更喜欢跟这些聪明的律师待在一起,每天都能学习新的知识和技能令我感到无比的充实和满足。
ངོ་རྒྱུགས་འཕྲོད་རྗེས། ང་དང་ཀྲུའུ་རེན་ཧྥེང་ལགས་ངེད་གཉིས་ལོ་ཕྱེད་ཀྱི་དུས་ཚོད་ཙམ་གཞུང་ལས་ཁང་གཅིག་གི་ནང་མཉམ་དུ་བསྡད། ཁོ་མོའི་བསམ་བློ་དང་ཁོ་མོའི་བརྩེ་སེམས། ཁོ་མོའི་སེམས་བཟང་བཅས་ནི་མཚན་མོའི་སྐར་མ་འོད་ཆེན་ལྟར་ང་ལ་འོད་སྣང་སྦྱིན། སྦྲ་ནག་གྲུ་བཞིའི་ནང་གི་ཐབ་ཀ་ལྟར་ང་ལ་ཚ་དྲོད་སྦྱིན། དེ་ཡང་ཀྲུའུ་རེན་ཧྥེང་ལགས་ཀྱིས་ང་ལ་དུས་རྒྱུན་འཚོ་བའི་ཁྲོད་དུ་འོད་སྣང་ལྡན་དགོས་པ་དང་རང་ལ་རང་ཉིད་ཀྱི་བསམ་བློ་དང་བསམ་གཞིགས་ཀྱང་ཡོད་དགོས་ཚུལ་སོགས་ཧ་གོ་བྱུང་བ་མ་ཟད། ད་དུང་དུས་རྒྱུན་འཚོ་བའི་ཁྲོད་དུ་བྱམས་བརྩེ་ལྡན་དགོས་པ་ཡང་ཤེས་བྱུང་། ང་ནི་འགྲན་ཟླ་ཡོད་པའི་གཞུང་ལས་ཁང་གི་འཚོ་བ་དེ་ལ་དགའ། དེ་བས་ཀྱང་སྤྱང་གྲུང་ལྡན་པའི་ཁྲིམས་རྩོད་པ་འདི་དག་དང་མཉམ་དུ་ཉིན་རེར་ཤེས་བྱ་དང་ལག་རྩལ་གསར་བ་སོགས་སྦྱོང་ཐུབ་པས་ངའི་འཚོ་བ་ནི་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་།

2023年8月,我被嘉黎县司法局聘请为嘉黎县“三湖之声”兼职人民调解员。调解工作对法律功底、沟通能力要求很高,而我也在竭尽所能帮助大家解决困难。我还清晰得记得我调解过的一起离婚纠纷,当事人双方在没有硝烟的战场上争了个你死我活,却完全忽视了他们的三个小孩——最大的女儿全程在大声哭泣,二女儿说爸爸别离开我们,最小的男孩子却似懂非懂地坐在旁边出奇的安静。最终我并没有保住这个家庭的完整,但我深刻的体会到了什么叫“虽然言语非刀,却能把人心割开”。通过一次次的代书和调解,我慢慢地坚定了要成为一名律师的信念,也希望未来能以自己的能力和知识造福家乡的百姓。

དེ་ཡང་སྤྱི་ལོ་༢༠༢༣ལོའི་ཟླ་བ་༨པར་ང་ལྷ་རི་རྫོང་ཁྲིམས་འཛིན་ཅུས་ཀྱིས་ལྷ་རི་རྫོང་གི“མཚོ་གསུམ་དམངས་འདུན་འདུམ་འགྲིག་ཁང་།”ནང་དུ་ལས་འགན་གཅིག་ལྕོགས་ཀྱི་མི་དམངས་འདུམ་འགྲིག་པར་གདན་ཞུ་བྱས། འདུམ་སྒྲིག་ལས་དོན་ནི་བཅའ་ཁྲིམས་ཀྱི་རྨང་གཞི་ལ་རྒྱུས་ལོན་གཏིང་ཟབ་དགོས་པ་དང་མི་ཕན་ཚུན་འབྲེལ་འདྲིས་ནུས་པ་སོགས་ཀྱི་ཐད་རེ་བ་མཐོ་ལ། དེ་ཡང་ངས་ནུས་ཤུགས་ཡོད་ཚད་འདོན་ནས་ལྷགས་བསམ་རྣམས་དག་ཀྱིས་དཀའ་ངལ་ལ་མ་འཛེམས་པར་མང་ཚོགས་ཀྱི་གྱོད་གཞི་དང་ཁྲིམས་ལུགས་ཤེས་བྱ་མ་ཤེས་བ་དག་ལ་རོགས་རམ་བྱེད་ཀྱིན་ཡོད། ངས་ད་དུང་རང་ཉིད་ཀྱིས་བར་འདུམ་བྱས་མྱོང་བའི་བཟའ་ཚང་ཁ་བྲལ་གྱི་རྩོད་གཞི་དེ་གསལ་པོ་དྲན་གྱི་འདུག དེ་ནི་དོ་བདག་ཕྱོགས་གཉིས་པོས་དུ་བ་མེད་པའི་གཡུལ་སའི་ཐོག་ཕན་ཚུན་རྒྱལ་ཁ་སུས་ཐོབ་ཀྱི་ཆེད་དུ་རྩོད་བཞིན་པ་ལྟར་རང་གཉིས་པོའི་བྱིས་པ་གསུམ་ལ་སྣང་མེད་བྱས། བུ་མོ་ཆེ་ཤོས་དེ་སྣང་མེད་དུ་བཞག་པས་སྐད་ཆེན་པོས་ངུ་བཞིན་འདུག་ལ། དེ་ཡང་བུ་མོ་འབྲིང་བས་པཱ་ལགས་ང་ཚོ་དང་ཁ་འབྲལ་མི་དགོས་ཞེས་བཤད་པ་དང་། བུ་ཆུང་བས་ཁོ་གཉིས་ཀྱི་འགྲམ་དུ་བསྡད་ནས་ཁ་ཁུ་སིམ་པོར་བསྡད་འདུག མཐའ་མར་ངས་ཁྱིམ་ཚང་འདི་ཆ་ཚང་ཞིག་སྲུང་འཛིན་བྱེད་ཐུབ་མ་བྱུང་། འོན་ཀྱང་ངས་སེམས་གཏིང་ནས་“གཏམ་ལ་རལ་གྲི་མེད་ཀྱང་ མིའི་སྙིང་དུམ་བུར་གཅོད།”ཅེས་པའི་སྐད་ཆ་དེ་ཅི་མ་བདེན་རུང་མཉམ་བྱུང་།   དེའི་རྗེས་འདུམ་འགྲིག་ཐེངས་མང་བྱས་པ་བརྒྱུད་ངའི་ཁྲིམས་རྩོད་པའི་དད་སེམས་རིམ་གྱིས་བརྟན་དུ་སོང་བ་མ་ཟད། ད་དུང་སླད་ཕྱིན་རང་ཉིད་ཀྱི་ནུས་པ་དང་སྦྱངས་ཟིན་པའི་ཤེས་བྱ་དག་ལ་བརྟེན་ནས་ཕ་ཡུལ་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བྱེད་ཀྱིན་ཡོད།


我很喜欢孟老师的一句话叫“成功的路上并不拥挤,因为坚持的人不多。”这句话是我前进的动力,也成为了我坚持不懈的力量源泉。我也希望更多的律师前辈们能来我的家乡看一看,这里有一望无际的藏北草原、白雪皑皑的萨普神山、最淳朴的牧民和最香甜的酥油茶,更有一群有爱、有情怀、有坚守的法律人。

ང་ནི་རྒན་སྨུང་ལགས་ཀྱི་སྐད་ཆ་གཅིག་ལ་ཤིན་ཏུ་དགའ།“རྒྱལ་ཁའི་ལམ་དུ་འཚང་ཁ་མེད། རྒྱུ་མཚན་ནི་རྒྱུན་འཁྱོངས་བྱེད་མཁན་ཉུང་བའི་རྐྱེན་གྱི་བྱུང་བ་ཡིན།” ཞེས་གསུངས་བ་ལྟར་སྐད་ཆ་འདི་ནི་ངའི་མདུན་བསྐྱོད་ལམ་བུའི་ཐོག་ཀྱི་འགུལ་ཤུགས་ཡིན་པ་མ་ཟད། ངས་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན། ངའི་རེ་བར་ཁྲིམས་རྩོད་པ་དེ་བས་མང་བ་ཞིག་ང་ཚོའི་ལྟ་ན་སྡུག་པའི་ཕ་ཡུལ་དུ་ལྟ་རུ་ཡོང་རྒྱུའི་རེ་འདུན་ཞུ་བ་ཡིན། རྒྱུ་མཚན་ནི་འདི་རུ་བོད་བྱང་ཐང་གི་མུ་མཐའ་མེད་པའི་རྩ་ཐང་སྟེང་དུ་ཕྱུགས་དཀར་ནག་ནམ་མཁའི་སྐར་ཚོགས་བཞིན་དང་ཁ་བ་དཀར་པོ་ལྷབ་ལྷུབ་ཏུ་འབབ་པའི་གསའ་ཕུ་མགོན་ལྷ་དཀར་པོའི་རི་ཁུལ་དང་བབ་ཆགས་ཤོས་ཀྱི་འབྲོག་མི་དང་དེ་བཞིན་ཞིམ་ཤོས་ཀྱི་ཇ་བསྲུབས་མ་བཅས་ཡོད་ལ་བརྩེ་བ་དང་བརྩེ་སེམས་ལྡན་པའི་བརྟན་སྲུང་བྱེད་མཁན་གྱི་བཅའ་ཁྲིམས་བ་ཡང་གནས་འདི་རུ་ཡོད།




文章丨旦巴亚杰

审核丨张欣慰

摄影丨旦巴亚杰及他的伙伴们

微信公众号 ×

使用“扫一扫”即可添加关注